传说中的英雄

作者: 2023年10月16日11:00 浏览:3 收藏 觉得不错,我要 赞赏
题记:
传说中的英雄
           ————文/尕藏香巴

1
风吃尽了的玛尼旗
剩下的旗杆跟我比身高
我两没有高低
只有孤独
2
一个固执的灵魂
一场龙卷风被卷走
那场龙卷风是
临走前的黑帐篷挥手引起的
3
自从离开草原的那天起
高楼把我压的喘不过气来
一种尖锐的怀念
经常折磨我的灵魂
4
帐篷    牦牛   羊群
酥油    奶茶   糌粑
马背上的小伙
一切都是一场精彩的故事
5
太阳早已下山
月亮再也没升起
徘徊不定的小星星们
无家可归    闪啊闪
6
布达拉宫仍然雄伟壮观
虔诚的老阿妈且不干了
广场的那群鸽子
在阳光下安居乐业
7
藏獒和哈巴恋爱了
生下来的崽子没有名字
人们总称“一条狗”
且担起来了“守门员”的职责
8
火车的鸣笛声
雅鲁藏浦江的哭啼声
打破了谁的宁静的生活
从此阿爸没睡过一个好觉
9
我是格萨尔王的影子
别急!你也是
虚构的世界里
我和你是传说中的英雄
10
勇敢的一堆玛尼石
为了自己的尊严
上万年从来没移动过
那灿烂的微笑征服了万物之心
11
阿尼玛沁的山脚下
抱着一丝的希望
来往的都是
只不过是个过客
12
撞了风的野牦牛
迷了路的野牦牛
好像受了重伤
气息奄奄  岌岌可危
13
石头上留下的足迹
顺着融化的雪水
流向血的大海里
很安静地挣扎
14
郎达尔玛不是背对着他
现在的时针不在这个点上
僧人不会杀生
更没有所谓的“佛箭”
                       སྐལ་བྱམས་ནས།


མ་ཎི་དར་ལྕོག་དེ་རླུང་བུས་ཟས་ཟིན།
ཤུལ་དུ་ལུས་པའི་དར་ཤིང་སྐམ་པོ་དེས།
ང་ལ་འཁང་ར་བྱེད་ཀྱིན་འདུག་མོད།
འོན་ཀྱང་།  ངེད་གཉིས་ཀྱི་ལས་དབང་གཅིག་པ་ཡིན།

ཨུ་ཚུགས་ཅན་གྱི་རྣམ་ཤེས་ཆུང་ཆུང་དེ།
རླུང་འཚུབ་དམར་པོ་ཞིག་གིས་ཕྱོགས་སུ་དེད།
རླུང་འཚུབ་དེ་ནི།
སྦྲ་ཆུང་དེའི་གྱེས་ཁའི་མིག་ཆུ་ཡིན་པ་འདྲ།

ཁྱོན་ཡངས་པའི་རྩྭ་ཐང་དེ་ལ་ཁ་གྱེས་རྗེས།
ཁང་བརྩེགས་མཐོན་པོ་དེ་དག་གི་གནོན་ཤུགས་ལས།
ངའི་རྣམ་ཤེས་གཉོམ་པོ་དེའི་སེམས་རྩ་ན།
ཁྲག་གི་རྒྱུ་བ་འགག་ལ་ཉེ།


སྦྲ་གུར།   ནོར་གནག   ལུག་ཁྱུ།
མར།       རྩམ་པ།   འོ་ཇ།
ད་དུང་རྟ་རྒྱབ་ཀྱི་གསར་རྒོད།
དེ་དག་ཚང་མ་སྔོན་བྱུང་གི་མཚར་གཏམ་ཁོ་ནར་སྣང་།

ཉི་མ་སྔ་མོ་ནས་ནུབ་ཟིན།
ཟླ་བ་ཁུ་སིམ་པོར་གནས།
སྐྱབས་མེད་པའི་སྐར་མའི་ཚོགས།
རང་རང་ས་ན་འདར་གསིག་གསིག

པོ་ཏ་ལ་སྔར་བཞིན་བརྗིད་ཅིང་བརྟན།
འོན་ཏེ་དད་པ་ཅན་གྱི་ཨ་མ་རྒན་མོ་འགྱུར་ཟིན།
ཞི་བདེ་མཚོན་ཟེར་བའི་ཕུག་རོན་དེ་དག
ཐང་ཆེན་དཀྱིལ་ན་དལ་ཞིང་ལྷོད།

འབྲོག་ཁྱི་དང་ཧ་པ་གཉིས་ཞེ་མཐུན་སོང་།
རུས་མེད་པའི་ཁྱི་ཕྲུག་ཁྱིམ་གང་བཙས།
དེ་དག་གིས་ཁྱིམ་བདག་གི་སྒོ་སྲུང་འདུག་ལ།
མགོ་འཕངས་ནི་ཁྱིམ་བདག་ལས་ལྡབ་ཀྱིས་མཐོ།

མེ་འཁོར་གྱི་ལྡུར་སྒྲ་དང་།
ཡར་ལུང་གཙང་པོའི་ངུ་སྐད་ཀྱིས།
ཨ་ཕའི་བླ་སྒུལ་ཞིང་།
ས་མཐོའི་ཉིད་དཀྲོགས།

ང་ནི་གེ་སེར་གྱི་ཚ་བོ་ཡིན་ལ།
ཁྱེད་ཀྱང་ཡིན།
འུ་གཉིས་ནི་སྟོང་བའི་འཇིག་རྟེན་གྱི་ཁམས་འདི་ན།
ཤུལ་མེད་པའི་དཔའ་རྒོད་གཉིས་ཡིན།
༡༠
བརྟན་ཞིང་བརླིང་བའི་མ་ཎི་རྡོ་འབུམ་དེས།
རང་ཉིད་ཀྱི་ཆེད་དུ།
ལོ་ངོ་སྟོང་ཕྲག་ལྷག་ལ་རང་ས་ནས་འགུལ་མ་མྱོང་།
སྤོབས་པ་དེ་ལ་སེམས་ཅན་དགའ་ཞིང་དུངས།
༡༡
རྨ་ཆེན་གངས་རིའི་འདེབས་ན།
ཕུགས་འདུན་གཞན་ཞིག་གི་ཆེད་དུ།
འདུར་རྒྱུགས་ཀྱི་ཀློང་ན་སྨྱོས་པ་དེ་དག
མགྲོན་པོ་ཙམ་ལས་གཞན་ཅི་ཡང་མིན་ནོ།།
༡༢
རླུང་གིས་དེད་པའི་འབྲོང་།
ལམ་ལ་རྨོངས་པའི་འབྲོང་།
རྨས་སྐྱོན་ལྗིད་མོ་ཞིག་ཕོག་ཡོད་པ་འདྲ།
ཤི་ལ་ཉེ།

༡༣
རྡོ་ལ་བཞག་པའི་རྐང་རྗེས་དེ།
གངས་ཆུར་འདྲེས་ནས།
ཁྲག་གི་རྒྱ་མཚོར་ཐིམ།
དེ་ན་རླུང་མེད་པའི་རླབས་ཅིག་འཕྱོ།

༡༤
གླང་དར་མས་ཁྱེད་ལ་རྒྱབ་འཁོར་མེད་ཙ་ན།
དེ་རིང་གི་ཉི་མའི་དྲོད་ཁོལ་འདི་ལྟ་མིན་ལ།
བྱ་བྲལ་བ་ནི་བྱ་བྲལ་བ་ཉིད་ཡིན་ལ།
མདའ་གཞུ་དེའང་།
扫描二维码以在移动设备观看
投诉举报

赞赏记录:

投诉举报

举报原因(必填):
侵权抄袭 违法违禁 色情低俗 血腥暴力 赌博诈骗 广告营销 人身攻击 其他不良信息
请详细阐明具体原因: