90后藏族青年诗人,代表作品(永久之后)(遇见神秘女神)
༈ ཡུན་རིང་གི་རྗེས་སུ།
རས་གཟན་དམར་པོ།
ནམ་ཞིག་ང་རང་འཆི་བས་ཁྲིད་དེ་འགྲོ། །
ཚེ་ཡི་རྫོགས་ཚིག་འབྲི་བཞིན་ག་ལེར་འགྲོ། །
ནམ་ཞིག་ང་རང་རི་ལ་ཡིབས་ཏེ་འགྲོ། །
ཉི་འོད་ལ་མོའི་སྒང་ནས་བརྒལ་དང་མཚུངས། །
ནམ་ཞིག་ང་རང་ཁྱོད་དང་བྲལ་ཏེ་འགྲོ། །
སྨྲེང་བའི་ཕྱི་མིག་ཚུར་ལ་འཕེན་གིན་འགྲོ། །
དེ་དུས་ཉེ་དུ་སོགས་ཀྱང་བཤུམས་པར་བྱེད། །
དེ་དུས་ང་ཡང་ལྐོག་ནས་ངུ་བར་རྩོམ། །
ཚེ་རབས་དུས་མའི་ལས་སྐལ་འཕྲོད་པས་ན། །
མི་དག་འཁོར་བའི་པང་ནས་ལྷན་དུ་འདུ། །
སྐྱེ་བ་དུ་མའི་སྡིག་སྒྲིབ་ལྕི་བས་ན། །
འོ་སྐོལ་སྐྱོ་གར་འཁྲབས་ཀྱིན་སོ་སོར་གྱེས། །
དགའ་སྐྱོའི་ཆུ་རླབས་འཁྱིལ་བའི་གཙང་འགྲམ་ནས། །
འུ་གཉིས་མཚར་སྡུག་དང་བཅས་གདོང་ཐུག་བརྒྱབ། །
སྐྱོ་བའི་རི་དར་འགུལ་བའི་རྫ་སྒང་ནས། །
སླར་ཡང་ཞེན་ཆགས་དང་བཅས་བྲལ་བར་ངེས། །
དེ་ནི་འཁོར་བས་འཁྲབ་པའི་ཟློས་གར་རམ། །
ཡང་ན་ང་ཚོར་བསླངས་བའི་ཀུ་རེ་ཡིན། །
དེ་ནི་ང་ཚོས་ང་ཚོར་བཞག་པ་ཡི། །
བག་ཆགས་ནང་གི་ལན་ཆགས་ལྕི་མོའོ། །
2016/3/8 མཚན་མོར་བྲིས།
༈ གལ་ཏེ།
གལ་ཏེ་ང་རང་སྤྲང་པོར་ཆགས་པ་ན།
བརྡ་དང་ཡི་གེས་ཁྱིམ་གཞིས་བསྐྱར་ཏུ་འཛིན། །
གལ་ཏེ་ང་རང་གཅིག་པུར་ལུས་པའི་ཚེ། །
ཚིག་གི་གར་མ་བག་མར་བསུ་རྐྱང་ཡིན། །
ནམ་ཞིག་ང་རང་བས་མཐར་ལུས་པ་ན། །
ཁྱོད་ཀྱི་མིང་ཡིག་རང་གི་མིང་དུ་འདོགས། །
ནམ་ཞིག་ང་རང་སྨྱོན་པར་གྱུར་བའི་ཚེ། །
རོལ་མོ་དཀྲོལ་ཏེ་སྨྲེང་བའི་གར་ལ་རོལ། །
ཁ་བ་ཡུན་གྱིས་འབབ་ན་བོབས་ཤོག་དང་། །
དྲག་རླུང་སྟོབས་ཀྱི་གཡུག་ན་གཡུགས་ཤོག་དང་། །
ཞེ་ལ་ཟོལ་མེད་རྡོ་རྗེའི་གོ་ཆ་བསྒོམས། །
ཡིད་ལ་མི་འགྱུར་མེ་རིའི་བྲག་རི་བཞེངས། །
ང་རང་གཅིག་པུར་འཁོར་བའི་པང་དུ་ཡོང་། །
ད་ཆར་ཁེར་རྐྱང་ངང་ནས་ཕར་ལ་འགྲོ །
འདི་ཀར་འཚོ་སྡོད་བྱས་པའི་ལོ་ཟླའི་ཁྲོད། །
ང་ཡིས་འཁོར་བའི་ཟུར་ཁ་མཐའ་དག་མཇལ། །
སྐབས་དེའི་ཡུལ་དེའི་བྱུང་རིམ་མཐའ་དག་ནི། །
དོ་ཞག་ཕྱིར་ཕྱིར་ཙམ་ལས་རིང་དུ་གྱེས། །
ད་ནི་འཆི་བར་བདེ་བ་ཡོད་ཚུལ་སྨྲ། །
ད་ཆར་འཁོར་བར་སྙིང་པོ་མེད་ཚུལ་གླེང་། །
2016/4/1
་
༈ ཡུན་རིང་གི་རྗེས་སུ།
རས་གཟན་དམར་པོ།
ནམ་ཞིག་ང་རང་འཆི་བས་ཁྲིད་དེ་འགྲོ། །
ཚེ་ཡི་རྫོགས་ཚིག་འབྲི་བཞིན་ག་ལེར་འགྲོ། །
ནམ་ཞིག་ང་རང་རི་ལ་ཡིབས་ཏེ་འགྲོ། །
ཉི་འོད་ལ་མོའི་སྒང་ནས་བརྒལ་དང་མཚུངས། །
ནམ་ཞིག་ང་རང་ཁྱོད་དང་བྲལ་ཏེ་འགྲོ། །
སྨྲེང་བའི་ཕྱི་མིག་ཚུར་ལ་འཕེན་གིན་འགྲོ། །
དེ་དུས་ཉེ་དུ་སོགས་ཀྱང་བཤུམས་པར་བྱེད། །
དེ་དུས་ང་ཡང་ལྐོག་ནས་ངུ་བར་རྩོམ། །
ཚེ་རབས་དུས་མའི་ལས་སྐལ་འཕྲོད་པས་ན། །
མི་དག་འཁོར་བའི་པང་ནས་ལྷན་དུ་འདུ། །
སྐྱེ་བ་དུ་མའི་སྡིག་སྒྲིབ་ལྕི་བས་ན། །
འོ་སྐོལ་སྐྱོ་གར་འཁྲབས་ཀྱིན་སོ་སོར་གྱེས། །
དགའ་སྐྱོའི་ཆུ་རླབས་འཁྱིལ་བའི་གཙང་འགྲམ་ནས། །
འུ་གཉིས་མཚར་སྡུག་དང་བཅས་གདོང་ཐུག་བརྒྱབ། །
སྐྱོ་བའི་རི་དར་འགུལ་བའི་རྫ་སྒང་ནས། །
སླར་ཡང་ཞེན་ཆགས་དང་བཅས་བྲལ་བར་ངེས། །
དེ་ནི་འཁོར་བས་འཁྲབ་པའི་ཟློས་གར་རམ། །
ཡང་ན་ང་ཚོར་བསླངས་བའི་ཀུ་རེ་ཡིན། །
དེ་ནི་ང་ཚོས་ང་ཚོར་བཞག་པ་ཡི། །
བག་ཆགས་ནང་གི་ལན་ཆགས་ལྕི་མོའོ། །
2016/3/8 མཚན་མོར་བྲིས།
༈ གལ་ཏེ།
གལ་ཏེ་ང་རང་སྤྲང་པོར་ཆགས་པ་ན།
བརྡ་དང་ཡི་གེས་ཁྱིམ་གཞིས་བསྐྱར་ཏུ་འཛིན། །
གལ་ཏེ་ང་རང་གཅིག་པུར་ལུས་པའི་ཚེ། །
ཚིག་གི་གར་མ་བག་མར་བསུ་རྐྱང་ཡིན། །
ནམ་ཞིག་ང་རང་བས་མཐར་ལུས་པ་ན། །
ཁྱོད་ཀྱི་མིང་ཡིག་རང་གི་མིང་དུ་འདོགས། །
ནམ་ཞིག་ང་རང་སྨྱོན་པར་གྱུར་བའི་ཚེ། །
རོལ་མོ་དཀྲོལ་ཏེ་སྨྲེང་བའི་གར་ལ་རོལ། །
ཁ་བ་ཡུན་གྱིས་འབབ་ན་བོབས་ཤོག་དང་། །
དྲག་རླུང་སྟོབས་ཀྱི་གཡུག་ན་གཡུགས་ཤོག་དང་། །
ཞེ་ལ་ཟོལ་མེད་རྡོ་རྗེའི་གོ་ཆ་བསྒོམས། །
ཡིད་ལ་མི་འགྱུར་མེ་རིའི་བྲག་རི་བཞེངས། །
ང་རང་གཅིག་པུར་འཁོར་བའི་པང་དུ་ཡོང་། །
ད་ཆར་ཁེར་རྐྱང་ངང་ནས་ཕར་ལ་འགྲོ །
འདི་ཀར་འཚོ་སྡོད་བྱས་པའི་ལོ་ཟླའི་ཁྲོད། །
ང་ཡིས་འཁོར་བའི་ཟུར་ཁ་མཐའ་དག་མཇལ། །
སྐབས་དེའི་ཡུལ་དེའི་བྱུང་རིམ་མཐའ་དག་ནི། །
དོ་ཞག་ཕྱིར་ཕྱིར་ཙམ་ལས་རིང་དུ་གྱེས། །
ད་ནི་འཆི་བར་བདེ་བ་ཡོད་ཚུལ་སྨྲ། །
ད་ཆར་འཁོར་བར་སྙིང་པོ་མེད་ཚུལ་གླེང་། །
2016/4/1
་
所有评论仅代表网友意见